• ཐུན་མིན་བོད་ཀྱི་ལག་རྩལ་སྤེལ་བ་དང་། །

    ཚད་ལྡན་སྐུ་དང་ཕྱག་མཚན་བཞེངས་པ་དང་། །

    དངོས་ཐོག་བདེན་པ་ཚོལ་བར་འདོད་པ་ཡི། །

    ཤེས་རབ་ལྡན་པས་མཁྱེན་ལི་དང་དུ་ལོངས།།

  • ངོ་སྤྲོད་གློག་བརྙན།

  • རྫོང་སར་མཁྱེན་ལི་སྐོར་གྱི་ངོ་སྤྲོད།

    མཁྱེན་ལིའི་བྱུང་རིམ་ནི།

    སྤྱི་ལོ ༡༨༢༠ ལོར་སྐུ་འཁྲུངས་པའི་རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསར་གཏོད་གནང་། དེ་ནས་རིམ་པར་བརྒྱུད་དེ་བཀྲ་ཤིས་རྡོ་རྗེ་དང་། དེའི་སློབ་མ་ད་ལྟ་མཁྱེན་ལིའི་བརྒྱུད་འཛིན་པ་སྐྱ་ལོད་ཉི་མའི་བར་བར་མ་ཆད་པར་བྱུང་བ་ཡིན།

    མཁྱེན་ལིའི་གནས་སྟངས་ནི།

    བོད་ཀྱི་ལི་མ་བླུག་བཟོའི་སྒྱུ་རྩལ་གྱི་ལོ་རྒྱུས་རིང་པོའི་ཁྲོད། མཁྱེན་ལིའི་མཛེས་རྩལ་ནི་སྙན་གྲགས་ཆེ་བ་ཞིག་སྟེ། སྔོན་ནས་ད་ལྟའི་བར་དུ་རྒྱལ་ཕྱི་ནང་དང་སྒྱུ་རྩལ་ལ་དགའ་བའི་མི་རིགས་སོ་སོའི་ཁྲོད་དགའ་བསུ་དང་སྔགས་བརྗོད་ཆེན་པོ་ཐོབ་མུས་ཡིན་པ་མ་ཟད། ཆོས་དད་མང་ཚོགས་ཀྱིས་གདེང་འཇོག་ཆེན་པོ་ཐོབ་པ་དང་། བརྙན་འཕྲིན་དང་གསར་ཤོག་དུས་དེབ་བཅས་ཀྱི་ཐོག་མང་པོ་ཞིག་གིས་གླེང་མྱོང་ཡོད།

    མཁྱེན་ལིའི་ཁྱད་ཆོས་ནི།

    ༡ གསེར་དངུལ་ཟངས་རག་བཤའ་དང་སྔོན་ཁྱོག་སོགས་མནའ་བོའི་སྲོལ་རྒྱུན་དང་མཐུན་པ་ཁོ་ན་ལས། རྒྱུ་ངན་གྱི་བསླད་མེད། ༢ སྲོལ་རྒྱུན་དང་མཐུན་པའི་ལག་པའི་སྒྱུ་རྩལ་ཁོ་ན་ལས། དེང་དུས་ཀྱི་འཕྲུལ་རིགས་ལ་བརྟེན་མེད། ༣ སྐུ་གཟུགས་སོགས་མཁྱེན་ལིའི་ཐོན་རྫས་གང་ཞིག་དུས་ཚོད་ངེས་ཅན་གྱི་མཚམས་སུ་རང་སྟོབས་ཀྱིས་ལི་རྩི་གོན་འོང་བས། རྫས་འགྱུར་གྱིས་རྩི་བཀོན་མི་དགོས། ༤ སྐུ་གཟུགས་དང་མཆོད་རྟེན་སོགས་མཁྱེན་ལིའི་ཐོན་རྫས་རྣམས་ཀྱི་ཆ་ཚད་སྲོལ་རྒྱུན་དང་མཐུན་པ་ཁོ་ན་ལས། ཆ་ཚད་མེད་པར་གང་མོས་བྱས་ནས་བཟོས་པ་མེད། ༥ རྒྱུ་མཚན་དེ་དག་ལ་བརྟེན་ནས། མཁྱེན་ལི་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་པ་ལ། ལག་རྗེས་མིང་དོན་མཐུན་པ་འཇོག་ཐུབ་པའི་ཡིད་ཆེས་ཡོད།

    མཁྱེན་ལིའི་དམིག་ཡུལ།

    མ་འོང་མཁྱེན་ལིའི་མ་རྩ་འདང་ངེས་བྱུང་ཚེ། ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་རྒྱ་མཚོ་ཆེན་པོའི་དབྱིངས་སུ། མཁྱེན་ལི་ཉི་ཟླའི་འོད་ཀྱི་སྣང་བས་མཛེས་པར་བྱས་ཏེ། མི་རིགས་རིག་གནས་དང་བཅས་པ་དབུལ་ཕོངས་ཀྱི་མུན་པ་ལས་བརྒལ་བའི་རེ་བ་ཡོད། །

  • འབྲེལ་གཏུག་བྱེད་ས།

    འཕྲིན་སྟེགས།

    khyenle@163.com

    ས་གནས།

    135-5158-9111